- Lyrics
- Album list
羅布桑珠
-
童年小調
Lyricist:羅布桑珠 Composer:羅布桑珠
ཆར་པ་སིམ་སིམ་བབས་པའི་ཁྲོད་ནས། 濛濛細雨下 བུ་ངའི་ཆུང་དུས་འཚོ་བ་དེ་དྲན། 回憶起我的童年時光 ཨ་སྔོན་ནམ་མཁའ་དྭངས་གཙང་གི་མཁའ་རླུང་སྤྲིན་དཀར་གྱི་རྒྱན། 那時天空湛藍 空氣清新 還有幾朵白雲點綴著 ནོར་བུ་གླིང་ཁར། ཞོ་སྟོན་ཉིན་མོར། 羅布林卡 雪頓節時 སྤྱང་གྲུང་ལྡན་པའི་སྤྲེའུ་ཚོར་བལྟ་བར་འགྲོ 會去看那頑皮的小猴子 རྣ་བའི་ནང་ལ་ལྷ་མོ་ཡི་རྔ་སྒྲ་སྒྲོག དེ་འདྲའི་སྙན་པ་། 此刻耳邊傳來藏戲的鼓聲 如此美妙 ཤང་ཤང་རྒྱུགས་པའི་སྐྱིད་ཆུ་སྔོན་མོའི། 緩緩流淌的吉曲河 གཙང་པོའི་འགྲམ་དུ་རྩེད་མོ་ལ་རོལ་བས། 清澈的拉薩河邊嬉鬧著 རང་རང་དགའ་བའི་སེམས་ནང་གི་དཔའ་བོ་ཚོ་སུ་ཡིན་ཕན་ཚུན་རྩོད་གླེང་བྱས་། 互相談論著各自喜歡的超級英雄 དཀར་གསལ་ཟླ་འོད་ལ་ཤུའི་འོད་སྣང་འཁོར་བའི་ང་དང་ཁྱེད། 皎潔的月光 蠟燭的光源下 圍起的你和我 སྙན་པའི་སྒྲུང་གཏམ་དེ་དང་དགོད་སྒྲས་ཁེངས་པའི་དུས། སེམས་ནང་དྲན། 懷念 那聽著一個個動聽的故事和充滿歡聲笑語的日子 དྲོ་སྐྱིད་ལྡན་པའི། སྒོ་རའི་ནང་ལ། 溫暖的古城小院 བུ་ངའི་ཆུང་དུས་འཚོ་བ་དེ་དྲན། 回憶起我成長的時光 གྲོང་མི་ཁྱིམ་མཚེས་རོགས་རམ་དང་གུས་ཞབས། འཛུམ་མུལ་གྱི་རྒྱན། 那時鄰里友好互助 還有那綻放在臉上的微笑 ལོ་གཅིག་གི་སྐྱིད་ཤོས་དེ་ལོ་གསར། Find more lyrics at ※ Mojim.com 一年最快樂的日子莫過於新年 ཉེན་རྒོལ་འོག་གི་གོས་གསར་དེ་གྱོན་ནས། 換上了放在枕下已久的新衣 ང་ཚོ་ཕན་ཚུན་ཕྱེ་མར་དང་མཆོད་ཆང་བཅས། 我們彼此手捧切嘛與美酒 བཀྲ་ཤིས་སྨོན་ལམ་མཚོན་པའི་གླུ་དབྱངས་ལེན། 吟唱著祈禱吉祥的歌謠 འགྲོ་ཀུན་རྣམས་དག་ཞིང་ལ་སྤྱོད་པའི་སྨོན་ལམ་ལན་གསུམ་བརྒྱབ། 望這首吉祥瑤能賦予眾生 བྱང་ཆུབ་སེམས་དང་འཇམ་དབྱངས་བློ་རིག་འཕེལ་བའི་གསོལ་བ་འདེབས། 生起菩提的心與文殊的智慧 ཕོ་བྲང་དམར་པོའི་རི་བོའི་སྟེང་ནས་ང་ཡི་གླུ་དབྱངས་འདི་ལེན། 這首我從布宮紅山頂上獻上的歌曲 ངའི་བརྩེ་བའི་ཉི་འོད་ལྷ་ས་འདི། 我心愛的日光拉薩 མཛེས་སྡུག་ཡིད་དབང་ལྡན་པའི་ལྷ་ཡི་ས། 美麗神聖的拉薩聖地 ཤང་ཤང་རྒྱུགས་པའི་ལྷ་སའི་སྐྱིད་ཆུ། 緩緩流淌的吉曲河 སྔོན་མོའི་འགྲམ་དུ་རྩེད་མོ་ལ་རོལ་བས། 清澈的拉薩河邊嬉鬧著 ལྷང་ལྷང་དྲན་པའི་བྱིས་པའི་དུས་དེ་ཡིས། 漸漸回憶起的童年時光 ཟང་ཟིང་འཚོ་བར་ང་ལ་སྤྲོ་སྣང་འབྱིན། 讓成年的當下 心裡泛起一絲暖意 དེ་འདྲའི་མཛེས་པའི་མི་དང་འཚོ་བའི་ཁོར་ཡུག་བུ་ང་ཡིས། 如此美好的人與生活與環境 སེམས་གཏིང་ནམ་ཡང་སྦས་ནས་རྗེས་དྲན་བྱེད་པའི་དུས། 如此時光我願埋於心底並永遠懷念
-
|